吾金成林《叶露泽拉》[FLAC/MP3-320K]

admin 2025-07-31 05:32:10 36

作词 : 赤·扎尔嘉

作曲 : 龙珠

编曲 : 谢尔巴

ལྕང་མ་གཡུ་ལོའི་རྩེ་ལ།

ཁུ་བྱུག་རེ་རེ་བབས།

ལྕང་མ་གཡུ་ལོའི་རྩེ་ལ།

ཁུ་བྱུག་རེ་རེ་བབས་བྱུང་།

ཁུ་བྱུག་གསུང་དབྱངས་མ་རེད།

སྙན་པའི་གཞས་ཆུང་ཡིན་སོང་།

ལྕང་མ་ལགས་ཡ། ལྕང་མ་ལགས།

ལྕང་མ་ལགས་ཡ། ལྕང་མ་ལགས།

ལྕང་མའི་གཡུ་ལོ་ཁྲོ་ལོ་ལོ།

ཁུ་བྱུག་གསུང་དབྱངས།

ཁུ་བྱུག་གསུང་དབྱངས་ལྷངས་སེ་ལྷང་།

ལྷ་ཤིང་ཤུག་པའི་རྩེ་ལ།

རྨ་བྱ་རེ་རེ་བབས།

ལྷ་ཤིང་ཤུག་པའི་རྩེ་ལ།

རྨ་བྱ་རེ་རེ་བབས་བྱུང་།

རྨ་བྱའི་སྒྲོ་གུར་མ་རེད།

སྒེག་པའི་གར་སྟབས་ཡིན་སོང་།

ཤུག་པ་ལགས་ཡ། ཤུག་པ་ལགས།

ཤུག་པ་ལགས་ཡ། ཤུག་པ་ལགས།

ཤུག་པའི་དྲི་ཞིམ་ཐུ་ལུ་ལུ།

རྨ་བྱའི་གར་སྟབས།

རྨ་བྱའི་གར་སྟབས་ལྡེམས་སེ་ལྡེམ།

འབྲས་ལྡན་ལྗོན་པའི་རྩེ་ལ།

ཅོ་ཀ་རེ་རེ་བབས།

འབྲས་ལྡན་ལྗོན་པའི་རྩེ་ལ།

ཅོ་ཀ་རེ་རེ་བབས་བྱུང་།

ཅོ་ཀའི་དྲུག་འགྱུར་མ་རེད།

གཞོན་པའི་གླུ་སྐད་ཡིན་སོང་།

ལྗོན་པ་ལགས་ཡ། ལྗོན་པ་ལགས།

ལྗོན་པ་ལགས་ཡ། ལྗོན་པ་ལགས།

ལྗོན་པའི་འདབ་ལོ་འཇོལ་ལོ་ལོ།

ཅོ་ཀའི་དྲུག་འགྱུར།

ཅོ་ཀའི་དྲུག་འགྱུར་སིངས་སེ་སིང་།

ལྗོན་པ་ལགས་ཡ། ལྗོན་པ་ལགས།

ལྗོན་པ་ལགས་ཡ། ལྗོན་པ་ལགས།

ལྗོན་པའི་འདབ་ལོ་འཇོལ་ལོ་ལོ།

ཅོ་ཀའི་དྲུག་འགྱུར།

ཅོ་ཀའི་དྲུག་འགྱུར་སིངས་སེ་སིང་།

ཅོ་ཀའི་དྲུག་འགྱུར་སིངས་སེ་སིང་།

下载链接    
蓝奏云链接
点击下载(蓝奏云)
提取码:4o38
百度网盘链接
点击下载(百度网盘)
提取码:tgbn
⚠️ 反诈提示:请勿点击不明链接,谨防诈骗!
© 2025 资源提供方声明:本站资源索引与互联网,本站不存储任何资源,版权归原作者,禁止用于非法用途。
最新回复 (0)
全部楼主

您可以在 登录 or 注册 后,对此帖发表评论!

返回
发新帖